ཁྲི་རལ་པ་ཅན།
༡༠༽ མཛད་རིམ་གསུམ་པར། ཕྱུགས་བདག་ཆེན་པོ་དག་ལས་རྟ་ནོར་ལུག་གསུམ་གྱི་ཞལ་འདེབས་རྒྱ་ཆེན་བསྡུས་ཏེ་འབྲོག་ཁྱིམ་དབུལ་བོ་ཚོར་བགོས་ཏེ། སྒོ་ཕྱུགས་གསོ་སྐྱོང་བྱེད་དགོས་ཚུལ་གདམས།
༡༡༽ ད་དུང་འཚོ་རྟེན་མེད་པ་མང་པོར་བང་མཛོད་ལས་སྦྱིན་པ་བཏང་བ་དང་ལ་ལར་གཞུང་ཁྲལ་ཆག་ཡང་དང༌། ལ་ལར་རྩ་ཆག་བཏང་བ་སོགས་དམངས་ཀྱི་འཚོ་ཐབས་ལ་སྨན་པའི་མཛད་ཐབས་དུ་མ་བསྐྱངས།
༡༢༽ ས་སྟག་(ཕྱི་ལོ་༧༩༨)ལོའི་ཡབ་ཀྱི་ལོ་མཆོད་སྐབས། མེ་ཏོག་སྒྲོན་གྱིས་ཕོ་ཡོང་བཟའི་སྐྲ་རྒྱན་བཀྲོལ་མེད་པ་ལ་བསྙད་བཏགས་ཏེ། མོས་མྱ་ངན་ཞུས་མ་སོང་ཞེས་རལ་གྲི་བཟུང་ནས་ཤོར་འོང་བ་སྲས་ཀྱིས་བཀག་ནས་ཁ་རྩོད་ཤོར།
༡༣༽ དེ་ནས་བཟུང་ཡུམ་སྲས་གཉིས་དབར་གྱི་འབྲེལ་ཐག་རིང་དུ་གྱུར། སྐབས་ཤིག་ཡུམ་གྱིས་བློན་ངན་ཞིག་གཉེར་པར་བསྐོས་ཏེ། མོ་ལ་དུག་ཟས་འདྲེན་བཅུག་པ་སྟབས་མ་ལེགས་པར་སྲས་ཀྱིས་ཀྱང་མཉམ་བཞེས་གནང་བས་གཉིས་ཀ་གྲོངས།
༡༤༽ དེ་ལྟར་མུ་ནེ་བཙན་པོས་རྒྱལ་སྲིད་ལོ་གཉིས་ཙམ་མ་ཟིན་པར་གྲོངས་པས། གཅུང་མུ་རུག་བཙན་པོ་བཙལ་ནས་ལྕགས་འབྲུག་(ཕྱི་ལོ་༨༠༠)ལོར་རྒྱལ་ཁྲིར་བསུས། དེ་བས་སྣ་ནམ་ཞང་གི་ཕྱོགས་མ་དགའ་ཞིང་བློ་ཕམ་བྱུང།